Translate webpage using Monlam AI.
Monlam Web Extension:
The Monlam web extension aims to provide easier access to websites and information by translating them into Tibetan. While still in its early stages, we hope this extension will contribute to a more inclusive online experience for the Tibetan community. We believe it can be a useful resource for students, researchers, and anyone interested in accessing information or services online in Tibetan. We are continually working to improve its accuracy and functionality, and we welcome feedback from users as we strive to make it a valuable tool for the community
སྨོན་ལམ་དྲ་རྒྱའི་ཟུར་སྣོན།
སྨོན་ལམ་དྲ་རྒྱའི་ཟུར་སྣོན་འདི་ནི་དྲ་རྒྱའི་སྟེང་དུ་བོད་སྐད་བཤད་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་བའི་ལག་ཆ་གསར་བ་ཞིག་ཡིན། འདིའི་དམིགས་ཡུལ་གཙོ་བོ་ནི་དྲ་ཚིགས་དང་ཆ་འཕྲིན་རྣམས་བོད་ཡིག་ཏུ་བསྒྱུར་ནས་བོད་མི་ཚོར་བདེ་བླག་ངང་ལྟ་ཀློག་བྱེད་ཐུབ་པ་བཟོ་རྒྱུ་དེ་ཡིན། ད་ལྟ་མགོ་བརྩམས་མ་ཐག་པའི་གནས་སྐབས་སུ་ཡོད་ནའང་། ང་ཚོས་དྲ་རྒྱའི་ཟུར་སྣོན་འདིས་བོད་མིའི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་དྲ་རྒྱའི་ཁྱད་ཆོས་གསར་བ་ཞིག་མཁོ་འདོན་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
ད་དུང་སློབ་ཕྲུག་དང་། ཞིབ་འཇུག་པ། དེ་བཞིན་དྲ་ལམ་བརྒྱུད་བོད་ཡིག་ནང་གསར་འགྱུར་དང་ཡིག་ཆ་འཚོལ་མཁན་ཚང་མར་ཕན་ཐོགས་ཆེ་བའི་ཐོན་ཁུངས་ཤིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་ཡོད་ལ། ང་ཚོས་མུ་མཐུད་དུ་དེའི་ཡིག་སྒྱུར་གྱི་ཚད་གཞི་དང་བྱེད་ནུས་ཡར་རྒྱས་གཏོང་བར་འབད་བརྩོན་བྱ་རྒྱུ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཆེ་བའི་ལག་ཆ་ཞིག་ཏུ་འགྱུར་ཐབས་སུ་བེད་སྤྱོད་གཏོང་མཁན་ཚོའི་དགོངས་འཆར་ལ་དགའ་བས་དང་ལེན་ཞུ་ངེས་ཡིན།